ཁ་བའི་མཚན་མོའི་ང་དང་ཁྱོད།
སེམས་འདུན་མེ་ཏོག་དེས་ཀྱི་རོལ་དབྱངས་ཤིག།
སྣང་བའི་དཔྱིད་དུ་བཀུག་ནས་སྔོག་འཕྲོར་ལུས།།
རོལ་རྩེད་གར་སྟེགས་མི་ཡི་འཇིག་རྟེན་འདིར།།
སྙིང་གི་དུམ་བུས་བཅད་པ་ལུས་སེམས་གཉིས།།
ང་ཡི་ལས་རླུང་ཁྱོད་སར་ཕྱོགས་ན་ཡང་།།
ཁྱོད་ཀྱི་འགྲོ་ཕྱོགས་ང་དང་མི་མཐུན་ཡང་།།
དྲན་ཤིང་ཞིག་གི་མདོ་མཚམས་བཟུང་བ་ནས།
སྙིང་གི་མི་དེ་ཁྱོད་ཉིད་ཁོ་ན་འོ།།
ཞལ་རིས་མཛེས་པོས་བདག་སེམས་བཀུག་པ་ནས།།
སྙིང་གཏམ་དམར་རྗེན་མ་ཞིག་བཤད་འདོད་སྐྱེས།།
བསླུ་བྲིད་མིན་པའི་འཛུམ་གྱི་མདའ་མོ་དེ།།
སེམས་ལ་བཟུང་ནས་ནམ་རྒྱུན་དྲན་པའི་ལས།།
ལས་ཀྱིས་བསྐོས་པའི་ཁྱེད་དང་འི་གཉིས་ནི།།
རྒྱུན་ལྡན་མིན་པའི་གཅིག་སེམས་གཅིག་ལ་བརྟེན།།
གནས་སྐབས་མིན་པའི་ཚོར་བ་དངོས་མ་ཞིག།
སེམས་ལ་བཟུང་ན་ཏག་ཏག་སྣང་བ་སྐྱིད།།