ཟླ་ལྔ་བའི་ས་ཡོམ་གྱི་རྗེས་སུ་རྨ་སྟོད་རྗོང་རྨ་ཆུ་ཡུལ་ཚོའི་ལས་བྱེད་མི་སྣ་དངོས་སུ་གཞི་རིམ་འབྲོག་ཁུལ་དུ་སོང་ནས་ས་གནས་དེ་གའི་ས་ཡོམ་གྱི་གནོད་སྐྱོན་དངོས་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས།
རྒྱུས་ལོན་བྱུང་བ་ལྟར་ན་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བའི་ས་དེ་གའི་འབྲོག་པ་མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་ཡིན་པའི་ཁར་ས་དབྱིབས་ལེགས་ཤིང་རི་མཐོ་ལུང་གཟར་མེད་པས་ས་ཡོམ་གྱིས་མི་ཕྱུགས་ལ་གནོད་སྐྱོན་ཚབ་ཆེན་མ་ཐེབས་ནའང་ཕྱུགས་ཟོག་ཁ་ཤས་ཤི་བ་དང་མང་ཚོགས་ཀྱི་སྡོད་ཁང་འགའ་ལ་ས་འགུལ་གྱིས་གནོད་པ་བྱུང་ཡོད་པསགཞི་རིམ་ལས་བྱེད་འཕྲལ་མྱུར་གནོད་ཐེབས་ས་ཁུལ་ལ་སོང་ནས་མང་ཚོགས་ཀྱི་སྡོད་ཁང་བཀོད་སྒྲིག་དང་སྨན་བཅོས་དང་ཟ་མ འཐུང་ཆུ་དང་གློག་སོགས་གནས་སྐབས་ཀྱི་མཁོ་ཆ་ཡོད་ཚད་དུས་ཐོག་ཏུ་ལེགས་སྒྲུབ་བྱས།
ལས་བྱེད་པ་བསྟན་འཛིན་རྒྱ་མཚོས་བཤད་རྒྱུར་“ང་ཚོ་ནི་གཞི་རིམ་ནས་སྐྱེ་ཤིང་སླར་ཡང་གཞི་རིམ་མང་ཚོགས་ཀྱི་དོན་དུ་བསྐོས་པས་ང་ཚོས་ནུས་ཤུགས་ཡོད་ཚད་བཏོན་ནས་ས་འགུལ་ཁྲོད་ཀྱི་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཟེར”